ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་མི་བཅོ་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་དཔུང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་གྲོང་ཁྱེར་དང་ཡེ་ལུའུ་སཱ་ལེམ་ཤར་མ་ནས་དམག་དོན་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་གྱི་མི་བཅོ་ལྔ་འཛིན་བཟུང་བྱས།

ས་དེའི་བཙོན་མར་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་པའི་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་རྩ་འཛུགས་ཕཱ་ལེ་སི་ཐན་བཙོན་མའི་མཐུན་ཚོགས་ཀྱིས་བཤད་རྒྱུར། མི་བཅོ་ལྔའི་ཁྲོད་མི་བདུན་ཞི་པའོ་ལོན་ནས་འཛིན་བཟུང་བྱས་པ་དང་། དེའི་འཕྲོའི་མི་བརྒྱ་ནི་ཐུའུ་ལེ་ཁའེ་ཨར་མུའུ་དང་ཅེ་ཉིན། དབྱེ་ལུའུ་སཱ་ལེམ་ཤར་མ་བཅས་ནས་འཛིན་བཟུང་བྱས་པ་རེད་ཟེར། 

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཞི་པའོ་ལོན་བྱང་ཕྱོགས་ཀྱི་སྡེ་བའི་ནང་དམངས་ཁྲོད་སྡོད་དམངས་ལ་མེ་མདས་བརྒྱབ་པ་དང་སྡོད་དམངས་ཀྱི་ཁྱིམ་དུ་སོང་ནས་སྔོག་བཤེར་བྱས་ཟེར། 

དབྱི་སི་རལ་གྱི་དམག་དཔུང་གིས་རྒྱུན་པར་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ་འཛིན་བཟུང་བརྡ་ཐོ་བཏང་བའི་ཕཱ་ལེ་སི་ཐན་གྱི་མི་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། འགུལ་སྐྱོད་སྤེལ་སྐབས་ས་དེའི་སྡོད་དམངས་བར་འཁྲུག་རྩོད་འབྱུང་གིན་ཡོད། 

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བསྡོམས་བརྩིས་བྱས་པ་ལྟར་ན། མིག་སྔར་དབྱི་སི་རལ་གྱི་བཙོན་ཁང་དུ་ཕཱ་ལེ་སི་ཐན་གྱི་མི་སྟོང་ལྔ་དང་ལྔ་བརྒྱ་ཙམ་བཀག་འཇུག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།