ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་ཐི་ལིང་ཕུའུ་ཡི་ཁྲའོ་ཞན་དང་འབྲེལ་བའི་གཏམ་བཤད་ལ་མ་དགའ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་དང་པོ་ཚོས་ཧྲན་ཅི་ཡིས་ཚེས་ལྔ་ཉིན་བསྟན་དོན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་ལ་དྲག་ཤུགས་སྤྱོད་པའི་གཏམ་བཤད་སྤེལ་བ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པར་ཚུལ་མཐུན་མིན་པའི་དཔེ་འཇོག་བྱས་པར་མ་དགའ་བའི་ཚུལ་བསྟན། 

ཐི་ལིང་ཕུའུ་ཡིས་ཚེས་གསུམ་ཉིན་ལོན་ཏོན་ནས་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཁྲའོ་ཞན་ལ་དམིགས་ཏེ་དྲག་ཤུགས་སྤྱོད་པའི་གནས་ཚུལ་གླེང་བར་དམིགས་ཏེ་ཚོས་ཧྲན་ཅི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་བསམ་བཞིན་དུ་བྱས་པ་ཡིན་ན། དེ་ནི་ཉེན་ཁ་ཧ་ཅང་ཆེ་བའི་འགྲན་རྩོད་ཅིག་ཡིན་པ་རེད། ཐི་ལིང་ཕུའུ་ཡིས་གོང་སྨྲས་ཀྱི་གཏམ་བཤད་དེ་ནོར་འཆུག་ཙམ་ཡིན་ན་སྐྱོན་མེད་ཀྱང་། གལ་ཏེ་ཁྲའོ་ཞན་ལ་དམིགས་པའི་འཆར་གཞི་ལྡན་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་ན་གནད་དོན་གཅིག་འདྲ་མིན། གལ་ཏེ་རིགས་དེ་མཚུངས་ཀྱི་གཏམ་བཤད་ཡང་བསྐྱར་བྱུང་ན། ཁྲའོ་ཞན་ཕྱོགས་ཀྱིས་དེ་ཨ་མེ་རི་ཁ་ཕྱོགས་ཀྱིས་བསམ་བཞིན་སྤེལ་བའི་དཀྲུག་འཕེན་བྱ་སྤྱོད་ཅིག་ཏུ་གོ་སྲིད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།