ཀྲུང་གོ་བོད་ཀྱི་དྲ་བ།

མ་ལེ་ཞི་ཡའི་སྲིད་གཞུང་གིས་2020ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར ཚེས་4ཉིན་མ་ལེ་ཞི་ཡའི་སྲིད་གཞུང་གིས་སའེ་པོ་ཅ་ཡ་རུ་2020ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོ་གཙོ་གཉེར་བྱས་པ་རེད།

微信图片_20191205091339.jpg

点击进入下一页

མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏེ་ཨར།

མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏེ་ཨར་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། 2020ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་ཚོགས་འདུས“མིའི་རིགས་ཀྱི་མི་མངོན་པའི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱས་དེ་མ་འོངས་པའི་ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱ་རྒྱུ་རེད།

མཱ་ཧ་ཏེ་ཨར་གྱིས་ད་དུང་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་ངོས་ནས་བརྗོད་ན། 2020ལོ་ནི་ཧ་ཅང་གལ་འགངས་ཆེ་བའི་ལོ་ཞིག་རེད། སྐབས་དེར“མའོ་ཝུའུ་དམིགས་འབེན”(1994ལོར་ཧིན་རྡུ་ཉི་ཞི་ཡའི་མའོ་ཝུའུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་ཐོག་བཏོན་པའི་དངུལ་འཇོག་ཉོ་ཚོང་རང་དབང་ཅན་མངོན་འགྱུར་བྱ་རྒྱུའི་དམིགས་འབེན་)དུས་བཀག་བྱེད་རྒྱུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་མིས“2020ལོའི་རྗེས་ཀྱི་མདན་ལྗོངས”མའགོ་བརྩམས་ཏེ། མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱ་རྒྱུ་རེད།

མཱ་ཧ་ཏེ་ཨར་གྱིས་བསྟན་དོན། ད་ལྟའི་འཛམ་གླིང་ཁྲོད་ད་དུང་གནད་དོན་དང་འགྲན་སློང་མང་པོ་གནས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་རྩ་འཛུགས་ཀྱི་དཔལ་འབྱོར་ཚོགས་པའིGDPཡིས་འཛམ་གླིང་གི་བརྒྱ་ཆའི60ཙམ་ཟིན། ཉོ་ཚོང་ཚད་འཛམ་གླིང་གི་ཕྱེད་ཀ་ཟིན། ཚོང་རའི་མི་མངོན་པའི་ནུས་ཤུགས་གང་ལེགས་ཀྱིས་བེད་སྤྱད་དེ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་དགོས།

མ་ལེ་ཞི་ཡའི་རྒྱལ་སྤྱིའི་ཚོང་དོན་དང་བཟོ་ལས་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་ཉོ་འཚོང་རྩ་འཛུགས་ཀྱི་ཚོགས་འདུའི་མགྲོན་བདག་རྒྱལ་ཁབ་ཡིན་པའི་མ་ལེ་ཞི་ཡས་སྔོན་དཔག་ལྟར་ན་རྒྱལ་སྤྱིའི་ཚོགས་འདུ་ཐེངས་120ཙམ་འཚོག་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།