ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབྱི་ལིང་གིས་སོ་ཏི་ཨ་རབ་བར་རྒྱུན་ལྡན་གྱི་འབྲེལ་བ་མངོན་འགྱུར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།
དབྱི་ལིང་གི་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་གསལ་སྒྲོག་ལྟར་ན། ལུའུ་ཧཱ་ནེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཨ་མན་གྱི་ཕྱི་འབྲེལ་ལས་དོན་གྱི་འགན་ཁུར་བའི་བློན་ཆེན་ཨ་ལཱ་ཝེ་དང་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་བལྟས་ན་སོ་ཏི་ཨ་རབ་བར་གྱི་འབརེལ་བ་སླར་གསོ་བྱེད་པར་གནད་དོན་ཅི་ཡང་མེད་པར་འདོད་ཟེར།
ལུའུ་ཧཱ་ནེ་ཡིས་ད་རུང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ཚང་མས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཤིང་། མཉམ་དུ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་འགོག་རྒོལ་བྱས་ཏེ། པའོ་སི་མཚོ་ཁུགས་དང་ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་མངོན་འགྱུར་བྱ་དགོས་ཟེར། ཁོས་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་རྩོད་གླེང་ཞི་འཇགས་སུ་བཏང་སྟེ་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ཟེར།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ལུའུ་ཧཱ་ནེ་ཡིས་དབྱི་ལིང་གིས་སོ་ཏི་ཨ་རབ་བར་རྒྱུན་ལྡན་གྱི་འབྲེལ་བ་མངོན་འགྱུར་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།