ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རའི་གནས་ཤུལ་དུ་འཚམས་འདྲི་བྱས་ཏེ་མེ་ཏོག་གི་ཕྲེང་བ་འབུལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་དྲུག་ཉིན་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རའི་གནས་ཤུལ་དུ་འཚམས་འདྲི་བྱ་རྒྱུ་རེད། དེ་ནི་ཁོ་མོས་འཇར་མན་གྱི་ཙུང་ལིའི་འགན་ཁུར་ནས་ལོ་ངོ་བཅུ་བཞི་འགོར་བའི་རིང་ལ་ཐོག་དང་པོར་གཅིག་བསྡུས་བཙོན་རའི་གནས་ཤུལ་དེར་འཚམས་འདྲི་བྱས་པ་ཡིན་ལ། དེ་ཡང་གནས་དེར་འཚམས་འདྲི་བྱས་པའི་འཇར་མན་གྱི་ཙུང་ལི་གསུམ་པ་རེད། 

འཆར་གཞི་ལྟར་ན། མའོ་ཁི་ཨར་གྱིས་ཉིན་དདེར་ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་དང་གཅིག་བསྡུས་བཙོན་རར་བསྡད་མྱོང་བའི་མི་སྣ་གཅིག་གི་འགྲོ་རོགས་འོག་ཏུ་ཨོ་སི་ཝེ་ཞིན་གཅིག་བསྡུས་བཙོན་རའི་གནས་ཤུལ་དུ་འགྲོ་རྒྱུ་ཡིན་པ་དང་། འདས་པོར་སྐར་མ་གཅིག་རིང་མྱ་ངན་ཞུ་རྒྱུ་མ་ཟད། གནས་དེར་གཏམ་བཤད་སྤེལ་བའི་ཞོར་དུ་མེ་ཏོག་གི་ཕྲེང་བ་འབུལ་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།