ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པས་ཐེངས་མང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ན་ནིང་ལོ་མཇུག་ཏུ་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཚུན་ལ། ཧུའུ་སེ་དྲག་ཆས་པས་གྲོས་མཐུན་ལ་འགལ་བའི་སྤྱོད་ཐེངས་མར་སྤེལ་མྱོང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ལོ་གཅིག་ལྷག་གི་ནང་ཐེངས་མང་བོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། ཧི་ཐེ་ཏཱའི་སྡོད་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་སྤེལ་བ་སོགས་ལས་མི་སེར་དཀྱུས་མ་ཉིས་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་བརྒྱ་ར་ང་གཉིས་ལ་རྨས་ཕོག་ཡོད་ཟེར། 

འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས་ཅང་མ་འགོར་བར། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས་མྱོང་། ད་ལོའི་ཟླ་བཅུ་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་བྱེད་པའི་ཚན་ཆུང་གིས་ཧི་ཐེ་ཏཱ་ནས་འཁྲུག་རྩོད་མཚམས་འཇོག་པར་ལྟ་རྟོག་བྱེད་པའི་གནས་ལྔ་བཀོད་སྒྲིག་བྱས་པ་དང་། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་ཉེས་ཅན་གྱིས་ལྟ་རྟོག་བྱེད་ས་སོ་སོར་འབྲེལ་གཏུག་མི་སྣ་མངག་ནས་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པར་ལྟ་རྟོག་བྱེད་པའི་ལས་འགན་ལག་བསྟར་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།