དབྱི་སི་རལ་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གྱིས་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡི་ཁྲིམས་སྦྱོར་ཞུ་ཡིག་ཕུལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་མན་ཏུ་ཕུའུ་ལི་ཐེས་ཚེས་2ཉིན་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་པའི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡི་ཁྲིམས་སྦྱོར་ཞུ་ཡིག་དངོས་སུ་ཕུལ་བ་རེད། ཁོས་ཁྲིམས་སྦྱོར་ཞུ་ཡིག་ནང་ལྐོག་རྔན་ལེན་པ་དང་། མགོ་སྐོར་གཏོང་བ། ཁ་བསླུ་རྒྱག་པ་བཅས་ཁག་གསུམ་བྱས་ནས་ནེ་ཐ་ཉི་ཡ་ཧུའུ་ཞུ་གཏུག་བྱས་ཡོད། ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་30ཡི་དུས་ཚོད་ནང་དབྱི་སི་རལ་གྱི་གྲོས་ཚོགས་ཨུ་ཡོན་ལྷན་ཁང་ལ་དག་ཐེར་བྱེད་པའི་རེ་ཞུ་བྱས་པ་དང་དུས་བཅད་དེ་2020ལོའི་ཟླ་1ཚེས་1ཉིན་བར་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།