ཀྲུང་གོ་བོད་ཀྱི་དྲ་བ།

མའེ་ཤིས་ལ་གསེར་གྱི་སྤོ་ལོའི་བྱ་དགའ་ཐེངས་དྲུག་པ་ཐོབ་པས་སྤོ་ལོའི་ལོ་རྒྱུས་ཐོག་གི་ཨང་དང་པོར་གྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191204091620.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་3ཉིན་གྱི་ཐོ་རེངས་སུ་2019ལོའི་གསེར་གྱི་སྤོ་ལོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཧྥ་རན་སེའི་ཕ་རི་སིར་གཉེར་བ་དང་ཨ་ཀེན་ཐིན་གྱི་སྤོ་ལོ་རྒྱག་མཁན་མའེ་ཤིས་ལ་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་པ་རེད། དེ་ནི་ཁོང་ལ་གཟི་བརྗིད་མཚན་སྙན་འདི་ཐོབ་ཐེངས་དྲུག་པ་དེ་ཡིན་པ་དང་། དེ་གོང་ཁོང་དང་མཉམ་གཤིབ་བྱས་པའི་Cལའོ (ཐེངས་ལྔ་པ)ལས་བརྒལ་ནས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ཐོག་གི་ཨང་དང་པོ་དེར་གྱུར་པ་རེད། མའེ་ཤིས་ཀྱིས་བཤད་རྒྱུར། ལོ་མང་རིང་ངས་ལས་ཀ་དང་ཕུགས་འདུན་མཚམས་མ་བཞག་པར་ལོ་རེར་རང་ཉིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བར་བརྩོན་པ་བྱས་པ་ཡིན་ལ། རྗེས་ཕྱོགས་སུའང་མུ་མཐུད་དུ་འབད་བརྩོན་བྱས་ནས་དགའ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།