ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་པཱ་ཞི་དང་ཨ་ཀིན་ཐིན་གྱི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱེད་པ་སླར་གསོ་བྱ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁས་པཱ་ཞི་དང་ཨ་ཀིན་ཐིན་ནས་ནང་འདྲེན་བྱས་པའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱེད་པ་མྱུར་དུ་སླར་གསོ་བྱ་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། པཱ་ཞི་དང་ཨ་ཀིན་ཐིན་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་འཛའ་ཐང་ཇེ་དམའ་རུ་འགྲོ་བཞིན་ཡོད་པ་དང་། དེས་ཨ་མེ་རི་ཁའི་ཞིང་བའི་ཁེ་ཕན་ལ་གནོད་སྲིད་པས། ཁོས་ཨ་མེ་རི་ཁས་པཱ་ཞི་དང་ཨ་ཀིན་ཐིན་གྱི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བྱེད་པ་མྱུར་དུ་སླར་གསོ་བྱ་རྒྱུའི་ཚུལ་བསྟན། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་དང་ཨ་མེ་རི་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་ད་རུང་དོན་དེའི་ཐད་ནས་གསལ་སྒྲོག་སྤེལ་མེད། 

གཞན་ཡང་པཱ་ཞིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ་ཡིས་ཉིན་དེར་བསྟན་དོན། ཁོས་པཱ་ཞིའི་དཔལ་འབྱོར་པུའུ་ཀྲང་ཀི་ཏི་སི་དང་མཉམ་དུ་དོན་དེར་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་། གལ་ཏེ་དགོས་མཁོ་ཡོད་ན་ཐད་ཀར་དུ་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་ཀྱང་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།