པུའུ་ཁི་ནཱ་ཧྥ་སོའི་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་སྡེ་ཁག་གི་མི་སྣས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་དགོང་མོར་བཤད་རྒྱུར། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཁི་མིན་ཅཱ་ལི་ཞིང་ཆེན་གྱི་ཡེ་ཤུའི་ཆོས་ཁང་ཞིག་ལ་ཉིན་དེར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་བདེ་འཇགས་སྡེ་ཁག་གི་མི་སྣ་ཞིག་གིས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་ཉིན་དེར་ཆོས་ཁང་དུ་ཤོར་ཡོང་ནས་ཆོས་ལུགས་མཛད་སྒོར་ཞུགས་པའི་མི་ཚོགས་ལ་མེ་མདས་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་འདུས་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།