ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཙུང་ལིའི་ལས་ཁུར་དགོངས་ཞུའི་རེ་ཞུར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་རག་རྒྱལ་དམངས་གྲོས་ཁང་གི་དམིགས་བསལ་གྲོས་ཚོགས་སྟེང་འདེམ་ཤོག་འཕངས་ཏེ་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱི་ལས་ཁུར་དགོངས་ཞུའི་སྙན་ཞུར་ཆོག་མཆན་བཀོད་ཟེར། 

དབྱི་རག་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཧཱ་པུའུ་ཞེ་ཡི་བཤད་རྒྱུར། གྲོས་ཁང་གིས་དབྱི་རག་གི་རྩ་ཁྲིམས་ཀྱི་དོན་ཚན་དོན་དྲུག་པ་གཞིར་བཟུང་ནས་ཙུང་ལི་གསར་བའི་མིང་བཏོན་པའི་འདེམ་སྒུག་མི་སྣར་བརྡ་གཏོང་རྒྱུ་ཡིན་ཟེར། 

གྲོས་ཁང་གིས་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ཀྱི་ལས་ཁུར་དགོངས་ཞུའི་སྙན་ཞུར་ཆོག་མཆན་བཀོད་རྗེས། ད་ལྟའི་སྲིད་གཞུང་དེ་ལྟ་སྐྱོང་སྲིད་གཞུང་དུ་གྱུར་བ་དང་། ཙུང་ལི་དང་པུའུ་སོ་སོའི་པུའུ་ཀྲང་གིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རག་བར་ལས་འགན་ཁུར་རྒྱུ་རེད། ཙུང་ཐུང་གི་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཁྲོད་ཙུང་ལི་གསར་བའི་འདེམ་སྒུག་མི་སྣའི་མིང་བཏོན་པ་དང་། འདེམ་སྒུག་མི་སྣ་དེས་ཉིན་སུམ་ཅུའི་ནང་ནེ་ཀི་རྩ་འཛུགས་བྱས་ཏེ་གྲོས་ཁང་གི་ཆོག་མཆན་ཐོབ་པར་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།