དབྱི་ལིང་གི་གྲོས་དཔོན་གྱིས་ཨ་མེ་རི་ཁས་དབྱི་ལིང་དང་མཉམ་དུ་བཀག་སྡོམ་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་དགོས་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གྲོས་ཁང་གི་གྲོས་དཔོན་ལཱ་ལི་ཅཱ་ནེ་ཡིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་རྒྱལ་ས་ཏི་ཧེ་ལན་ནས་བསྟན་དོན། དབྱི་ལིང་གིས་ནམ་རྒྱུན་ཨ་མེ་རི་ཁ་དང་མཉམ་དུ་ཨ་མེ་རི་ཁའི་དབྱི་ལིང་ལ་བཀག་སྡོམ་བྱེད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཆབ་སྲིད་རེ་འདུན་རྒྱུན་འཁྱོངས་བྱས་ཡོད་ཟེར། 

ལཱ་ལི་ཅཱ་ནེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་མཉམ་དུ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་སྒོ་གླེགས་བརྒྱབ་མེད་ཟེར། ཁོས་ཨ་མེ་རི་ཁས་དབྱི་ལིང་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་པའི་ཚད་འདས་གནོན་ཤུགས་སྟེར་བའི་སྲིད་ཇུས་བསྐྱུར་དགོས་པའི་སྐུལ་མ་བཏང་བར་མ་ཟད། དེ་ནི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཡང་དག་ཅིག་མིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།