ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱིན་ཇིའི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཁཱ་ནེ་ནམ་ཟླའི་འགུལ་སྐྱོད་དང་དངུལ་བསྡུའི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་དབྱིན་ཇིའི་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཁཱ་ནེ་ནམ་ཟླའི་འགུལ་སྐྱོད་དང་དངུལ་བསྡུའི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ནམ་ཟླའི་འགུལ་སྐྱོད་དང་དངུལ་བསྡུའི་ཆེད་མངག་ཕོ་ཉ་ཡིན་པའི་ཆ་ནས། ཁཱ་ནེ་ཡི་བྱ་བའི་གཙོ་གནད་ནི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད། སྤྱི་དང་སྒེར་གྱི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པར་སྐུལ་སློང་བྱེད་པ་དེ་ཡིན། ཁཱ་ནེ་ཡིས་དབྱིན་ཀི་ལན་དངུལ་ཁང་གི་མགོ་བའི་འགན་ཡུན་ལོངས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་ཁུར་རྒྱུ་རེད། 

དབྱིན་ཇིའི་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཁཱ་ནེའི་དབྱིན་ཀི་ལན་དངུལ་ཁང་གི་མགོ་བའི་འགན་ཡུན་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།