ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཀྱིས་ཨན་ནཱ་ཐའོ་ལེ་ཡཱ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞིའི་འགྲུབ་སྟོན་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་ཨེ་ཏིས་ཨར་ནེ་ཞིང་ཆེན་ནས་ཨན་ནཱ་ཐའོ་ལེ་ཡཱ་བརྒལ་བའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞིའི་འགྲུབ་སྟོན་མཛད་སྒོ་སྤེལ། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་གཉིས་མཛད་སྒོར་ཞུགས། ཨེ་ཨར་ཏའོ་ཨན་གྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཨན་ནཱ་ཐའོ་ལེ་ཡཱ་བརྒལ་བའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི་ཡོངས་འགྲུབ་བྱས་པ་ལས། ལོ་རེར་ཐུར་ཁེ་དང་ཡོ་རོབ་གླིང་དུ་ཨ་སེ་པེད་ཅང་གི་རང་བྱུང་སོལ་རླངས་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་མཁོ་འདོན་བྱེད་པའི་རེ་འདུན་མངོན་འགྱུར་བྱུང་ཡོད་ཟེར། 

ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པར། ཨ་སེ་པེད་ཅང་དང་ཐུར་ཁེ་ཡིས་མཉམ་དུ་ཨན་ནཱ་ཐའོ་ལེ་ཡཱ་བརྒལ་བའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི་འཛུགས་སྐྲུན་བྱེད་པའི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་བཀོད། རང་བྱུང་སོལ་རླངས་ཀྱི་སྦུག་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་བརྒྱད་བརྒྱ་ལྔ་བཅུ་ཡོད་ཅིང་། ཨ་སེ་པེད་ཅང་དང་ཀི་ལུའུ་ཅི་ཡཱ། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་བརྒྱུད་ཡོད་ལ། ལྷོ་ཕྱོགས་རང་བྱུང་སོལ་རླངས་བར་ཁྱམས་ཞེས་པའི་འཆར་གཞིའི་ཁྲོད་ཆེས་རིང་བའི་ཁག་ཅིག་ཡིན་པ་དང་། ཉིས་སྟོང་བཅོ་ལྔ་ལོར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།