ཨ་སེ་པེད་ཅང་གིས་རྒྱལ་ཁོངས་བརྒལ་བའི་དུག་རྫས་ལྐོག་འཚོང་གྱོད་དོན་ཞིག་རྩད་ཆོད་ནས་དུག་རྫས་སྤྱི་རྒྱ་དགུ་བརྒྱ་ལྷག་རྙེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་གི་སྒོ་ཁྲལ་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་རྒྱལ་ཁོངས་བརྒལ་བའི་དུག་རྫས་ལྐོག་འཚོང་གྱོད་དོན་ཞིག་རྩད་ཆོད་པ་དང་། སྒོ་ཁྲལ་མི་སྣས་དབྱི་ལིང་ནས་ཝུའུ་ཁི་ལན་དུ་བགྲོད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལས་དུག་རྫས་སྤྱི་རྒྱ་དགུ་བརྒྱ་དང་སོ་གསུམ་རྙེད། 

བསྒྲགས་པ་ལྟར་ན། ཨ་སེ་པེད་ཅང་གི་དབྱི་ལིང་མཐའ་མཚམས་སུ་ཉེ་བའི་ཨ་སི་ཐཱ་ལཱའི་སྒོ་ཁྲལ་ཞིབ་བཤེར་ས་ཚིགས་ནས། ལས་བྱེད་མི་སྣས་ཚེས་སུམ་ཅུའི་ཉིན་དབྱི་ལིང་ནས་ཝུའུ་ཁི་ལན་དུ་བགྲོད་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལས་དུག་རྫས་དེ་དག་རྙེད་པ་ཡིན། དུག་རྫས་དེ་དག་སོ་སོར་དངོས་སྐྱེལ་རླངས་འཁོར་སྟེང་གི་སིལ་ཏོག་སྒམ་ནང་དུ་བསྡུས་ཡོད། དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ནི་ཨ་སེ་པེད་ཅང་གི་སྐྱེས་པ་ཞིག་ཡིན་པ་དང་། ཁ་ལོ་བ་དེ་ཉེན་རྟོག་ཕྱོགས་ཀྱིས་བཀག་འཇུག་བྱས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། དེ་ནི་ཨ་སེ་པེད་ཅང་གིས་རྩད་ཆོད་པའི་དུག་རྫས་ལྐོག་འཚོང་གི་གྱོད་དོན་ཆེན་པོ་ཞིག་ཡིན་པ་དང་། གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།