ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་ལས་འགན་བརྒྱུད་སྤྲོད་བྱེད་པའི་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་མཛད་སྒོ་སྤེལ་ཏེ། ད་ལྟའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་སྐབས་རྗེས་མའི་ཀྲུའུ་ཞི་མུས་ཞེ་ཨར་ལ་ལས་འགན་བརྒྱུད་སྤྲོད་བྱས། 

ད་ལོའི་ཟླ་བདུན་པར། སྐབས་དེའི་པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་མུས་ཞེ་ཨར་སྐབས་གསར་བའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་། ཁོས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལས་འགན་ཁུར་རྒྱུ་ཡིན་ལ། འགན་ཡུན་ལོ་གཉིས་དང་ཕྱེད་ཀ་རེད། 

ཐུའུ་སི་ཁི་ཡིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་བསྟུད་འགན་ཁུར་ཐུབ་པ་བྱུང་། 

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འགན་གཙོ་བོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་དང་མགོ་འཛིན་བྱེད་པ་དང་། ཕྱི་འབྲེལ་དང་བདེ་འཇགས་ལས་དོན་ལ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་ར་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚབ་བྱ་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།