ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191129095239su6E.jpg

ཟླ11པའི་ཚེས28ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་ཚོགས་རའི་ཕྱི་རོལ་ནས་མཉམ་དུ་པར་བླངས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁའེ་ཁི་ནས་སྤེལ། ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་མཉམ་འབྲེལ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པར་གཅིག་གྱུར་གྲོས་འཆམ་བྱུང་། 

མཐོ་རིམ་གྲོས་ཚོགས་སྐབས་སུ། ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཐད་དུ་གནས་པའི་ཛ་དྲག་གི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། རྩ་འཛུགས་དེས་བླངས་པའི་གྲུབ་འབྲས་གཙོ་བོ་དང་མིག་སྔའི་འགྲན་རྩོད་དང་བདེ་འཇགས་འཇིགས་ཉེན་ཐག་གཅོད་བྱེད་པར་སྤྱོད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐོ་རིམ་གྲོས་ཚོགས་སྟེང་བསྡོམས་པས་ཡིག་ཆ་བཅོ་ལྔ་བཀོད་པ་དང་། དེའི་ནང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་གཙོའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་བྱེད་པའི་མཉམ་འབྲེལ་གསལ་སྒྲོག་འདུས། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚོགས་ཐོག་ནས་བསྟན་དོན། ཨུ་རུ་སི་ཡིས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བར་མཉམ་ལས་སྤེལ་ཏེ། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲོགས་པོའི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོགས་པོའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ནི་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་རང་བཙན་ཐུན་མོང་ཚོགས་པའི་བདེ་འཇགས་ཆིངས་ཡིག་ལས་བྱུང་བ་རེད། མིག་སྔར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཁོངས་གཏོགས་རྒྱལ་ཁབ་དྲུག་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།