ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ལྷོ་ཕྱོགས་ས་ཁུལ་དུ་ངོ་རྒོལ་བྱ་འགུལ་སྤེལ་ཏེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དཔོན་རིགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་རག་ལྷོ་ཕྱོགས་ཀྱི་ཅི་ཅཱ་ཨར་ཞིང་ཆེན་གྱི་རྔམ་སྟོན་ཁྲོམ་སྐོར་གྱིས་ངོ་རྒོལ་བྱེད་པའི་བྱ་འགུལ་ལས་འཁྲུག་རྩོད་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཙམ་ལ་རྨས་ཕོག་ཡོད་ཟེར། 

ཅི་ཅཱ་ཨར་ཞིང་ཆེན་གྱི་མིང་བཤད་མི་འདོད་པའི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ནཱ་ཞི་ལི་ཡེ་གྲོང་ཁྱེར་དུ། དབྱི་རག་བདེ་འཇགས་དམག་དཔུང་དང་ཟམ་པ་གསུམ་བཙན་བཟུང་བྱས་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་བར་འཁྲུག་རྩོད་བྱུང་། བདེ་འཇགས་དམག་དཔུང་གིས་གནོན་ཤུགས་མཐོ་བའི་ཆུ་མདའ་དང་དུད་འཕྱུར་འགད་རྫས་བཀོལ་ནས་མི་ཚོགས་གཏོར། དེའི་རྗེས་སུ་ཅི་ཅཱ་ཨར་ཞིང་ཆེན་སྲིད་གཞུང་གིས་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། མཚན་མགྲོན་འགོག་པའི་བྱེད་ཐབས་དེ་དུས་ནམ་ཞིག་ལ་རྩིས་མེད་དུ་གཏོང་བར་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་རེད། 

ཟླ་བཅུ་བ་ནས་བཟུང་། དབྱི་རག་གི་ས་ཁུལ་མང་བོ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ། སྲིད་གཞུང་གི་རུལ་སུངས་དང་ཞབས་ཞུ་ནུས་ལྡན་མིན་པ། ལས་ཤོར་གྱི་ཚད་མཐོ་བ་སོགས་ལ་ངོ་རྒོལ་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།