ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་དུ་ཚེས་ཉེར་བདུན་ཉིན་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར། 

ཁོན་ཏུའུ་ཧྲི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ལཱ་ཏིས་ཀྱིས་གསར་འགོད་པར་བཤད་རྒྱུར། མི་སེར་དཀྱུས་མ་དྲུད་པའི་རླངས་འཁོར་ཞིག་ཞིང་ཆེན་དེའི་དབྱེ་མཱ་མུའུ་སཱ་ཞེ་པུའུ་ས་ཁུལ་བགྲོད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་བཅོ་ལྔ་རྐྱེན་ལམ་དུ་ཤོར། དེའི་ནང་བུད་མེད་བདུན་དང་བྱིས་པ་དྲུག་འདུས། དེ་ལས་གཞན་མི་གཉིས་ལ་འགས་གཏོར་དོན་རྐྱེན་ཁྲོད་རྨས་ཕོག་ཡོད་ཟེར། 

མུའུ་ལཱ་ཏིས་ཀྱིས་ཐཱ་ལེ་པན་དྲག་ཆས་ཉེས་ཅན་གྱིས་ལམ་འགྲམ་དུ་འགད་རྫས་སྦས་པར་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།