ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་ལིང་གཞུང་ཚབ་ཁང་མེར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དཔོན་པོས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་བཅུ་ཕྲག་འགའ་ཡིས་ཉིན་དེའི་དགོང་མོར་དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་ལྷ་མཁར་ནཱ་ཅེ་ཧྥུའུ་རུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་དུ་ཤོར་ནས། གཞུང་ཚབ་ཁང་གི་ཁང་བ་མེར་བཏང་ཟེར། 

བདེ་འཇགས་དཔོན་པོ་དེས་གསར་འགོད་པར་བཤད་རྒྱུར། རྔམ་སྟོན་ཁྲོམ་སྐོར་མཁན་བཅུ་ཕྲག་འགའ་ཡིས་ཉིན་དེར་ནཱ་ཅེ་ཧྥུའུ་རུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་མི་བདེར་གཏད་པ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་གཞུང་ཚབ་ཁང་དུ་ཤོར་ནས་ཁང་བ་མེར་བཏང་། གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དག་དེའི་སྔོན་ནས་ཕྱིར་འཐེན་བྱས་ཡོད་ཟེར། 

དོན་རྐྱེན་བྱུང་རྗེས། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ནཱ་ཅེ་ཧྥུའུ་རུ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས། ནཱ་ཅེ་ཧྥུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གིས་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་དང་བདེ་ཐང་། སྤྱི་བའི་ཞབས་ཞུའི་སྡེ་ཁག་ལས་གཞན། སྲིད་གཞུང་གི་ལས་ཁུངས་གཞན་པས་བྱ་བ་སྤེལ་མཚམས་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།