ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གྲོས་ཁང་གིས་སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191128094519MGB6.jpg

ཟླ11པའི་ཚེས27ཉིན། ཧྥ་རན་སིའི་སི་ཐི་ལཱ་སི་པའོ་རུ་ཡོད་པའི་ཡོ་རོབ་གླིང་གྲོས་ཁང་གི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་དུ་བདམས་པའི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་མཉམ་པར་བླངས། 

20191128094535Gppt.jpg

ཟླ11པའི་ཚེས27ཉིན།  ཧྥ་རན་སིའི་སི་ཐི་ལཱ་སི་པའོ་རུ་ཡོད་པའི་ཡོ་རོབ་གླིང་གྲོས་ཁང་གི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གསར་དུ་བདམས་པའི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་འདེམ་ཤོག་མ་འཕངས་གོང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་གྲོས་ཁང་གིས་ཚེས་ཉེར་བདུན་ཉིན་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ནས་འདེམ་ཤོག་འཕངས་ཏེ་ཧྥུན་ཏི་ལའེ་ཨིན་ཀྲུའུ་ཞི་ཡིན་པའི་སྐབས་གསར་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མིང་ཐོར་གྲོས་མཐུན་བཀོད་དེ། སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ལས་འགན་ཁུར་བར་རྨང་གཞི་བཏིང་། 

ཡོ་རོབ་གླིང་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་བཞི་བརྒྱ་དང་རེ་གཅིག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱ་དང་ང་བདུན་གྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་མིང་ཐོར་གྲོས་མཐུན་བྱུང་། དབྱིན་ཇིས་ཨུ་ཡོན་གྱི་འདེམ་སྒུག་མི་སྣའི་མིང་བཏོན་མེད་པས། སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་དེ་ཨུ་ཡོན་ཉེར་བདུན་གྱིས་གྲུབ་ཡོད་པ་རེད། 

འདེམ་ཤོག་མ་འཕངས་གོང་། ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་འདོད་བློ་དང་ལས་བགོའི་གནས་ཚུལ་མཚམས་སྦྱོར་བྱས། ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་རང་བཞིན་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་ལྷད་མེད་སྲིད་ཇུས་གསར་བ་ལག་བསྟར་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་དེའི་སྔོན་བཏོན་པའི་སྲིད་ཇུས་འདོད་བློ་རེ་འགའ་ནན་བཤད་བྱས། 

གལ་ཏེ་ཡོད་ཚད་བདེ་བླག་ཡིན་ན། སྐབས་གསར་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལས་འགན་ཁུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།