ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གིས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གི་མཐོ་རིམ་གྲོས་ཚོགས་ཐོག་མ་ཚེས་ཉེར་བདུན་ཉིན་ཧན་གོའི་ཧྥོ་ཧྲན་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གིས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་། 

མཐོ་རིམ་གྲོས་ཚོགས་ནས་སྤེལ་བའི་མེ་ཀུང་གཙང་བོ་དང་ཧན་ཅང་གཙང་བོའི་བསྒྲགས་གཏམ་ལྟར་ན། ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གིས་རིག་གནས་གནས་སྐོར་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། ཞིང་ལས་དང་ཞིང་སྡེའི་གསར་སྤེལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། བརྡ་འཕྲིན་དང་འཕྲིན་གཏོང་ལག་རྩལ། ཁོར་ཡུག དེ་མིན་སྲོལ་རྒྱུན་མིན་པའི་བདེ་འཇགས་གནད་དོན་སོགས་ཁྱབ་ཁོངས་ཆེན་མོ་བདུན་གྱི་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུ་རེད། 

བསྒྲགས་གཏམ་ལས་བསྟན་དོན། ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གིས་ཞིང་ལས་དང་ཞིང་སྡེའི་གསར་སྤེལ་ལ་ཤུགས་སྣོན་བྱས་ཏེ། མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གི་ཞིང་སྡེ་ས་ཁུལ་གྱི་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས། གཞུང་ལམ་དང་ཟམ་པ། ལྕགས་ལམ། གྲུ་ཁ་བཅས་ཀྱི་འཛུགས་སྐྲུན་ལས་གཞིའི་མཉམ་ལས་ལ་བརྟེན་ནས་ས་ཁུལ་གྱི་མཉམ་འབྲེལ་གཅིག་བརྟེན་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་སླར་གསོའི་རོགས་ལས་ལས་གཞི་ལ་བརྟེན་ནས་མི་གཞུང་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུ་རེད། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་། ལའོ་ཝའོ་དང་མེན་ཏེན། ཐེ་གོ། ཡོ་ནན། ཁམ་ཕུ་ཀྲེ་སོགས་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་ལྔའི་མགོ་ཁྲིད་པ་དང་། སྲིད་གཞུང་གི་མཐོ་རིམ་དཔོན་པོ་བཅས་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཝུན་ཙེ་ཡུན་གྱིས་ཚོགས་ཐོག་ནས་བསྟན་དོན། མེ་ཀུང་གཙང་བོའི་བཞུར་བརྒྱུད་དེ་ལས་སྐལ་གསར་བའི་འབྱུང་གནས་སུ་གྱུར་ཡོད་པ་དང་། ཧན་གོའི་ཕྱོགས་ཀྱིས་མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་དག་གི་བར་ཐུན་མོང་འཕེལ་རྒྱས་བརྩོན་ལེན་བྱས་ཏེ། ཧན་གོའི་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།