ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་གཅིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་གཅིག་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་སྐྱེས་པ་དེ་ལོ་སོ་གསུམ་ཡིན་པ་དང་། མའོ་ལོ་ཀིའི་བྱང་ཕྱོགས་ཀྱི་སེ་ལཱ་གྲོང་ཁྱེར་ཉེ་འདབས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། སྐྱེས་པ་དེས་དྲ་རྒྱའི་སྟེང་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཐལ་སྤྱོད་བསམ་བློ་དྲིལ་སྒྲོག་བྱས་པ་དང་། རང་སྲོག་གཅོད་པའི་འགད་རྫས་ཇི་ལྟར་བཟོ་ཚུལ་མཚམས་སྦྱོར་བྱེད་པའི་བརྙན་རིས་སྤེལ་བར་མ་ཟད། མི་གཞན་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མིང་ཐོག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བར་ངན་སྐུལ་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། རྟོག་ཞིབ་ལས་མངོན་པ་ལྟར་ན། སྐྱེས་པ་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིར་འབྲེལ་བ་ཡོད་པ་དང་། ཁོས་མའོ་ལོ་ཀིའི་མངའ་ཁོངས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་ལ། ཁྲིམས་འཛིན་སྡེ་ཁག་གིས་དོན་དེར་རྟོག་དཔྱོད་ཞིབ་ཏུ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།