ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་ས་ས་འགས་གཏོར་དོན་རྐྱེན་ཐེངས་གསུམ་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་ཚེས་ཉེར་དྲུག་ཉིན་འགས་གཏོར་དོན་རྐྱེན་ཐེངས་གསུམ་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད། 

དབྱི་རག་ནང་སྲིད་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་རྒྱུར། འགས་གཏོར་དོན་རྐྱེན་ཐོག་མ་དེ་པཱ་ཀ་ཏཱ་གྲོང་ཁྱེར་བྱང་ཤར་ཕྱོགས་ཀྱི་ཚོང་ར་ཞིག་ནས་བྱུང་བ་དང་། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག་པར་མ་ཟད། ཉེ་འདབས་ཀྱི་ཚོང་ཁང་དག་ལ་གཏོར་བརླག་ཐེབས་ཡོད། འགས་གཏོར་དོན་རྐྱེན་གཉིས་པ་དེ་པཱ་ཀ་ཏཱའི་ལྷོ་ནུབ་ཕྱོགས་ནས་བྱུང་བ་དང་། མི་བཞིར་རྨས་ཕོག་ཡོད། འགས་གཏོར་དོན་རྐྱེན་ཐེངས་གསུམ་པ་དེ་པཱ་ཀ་ཏཱའི་ཤར་ཕྱོགས་ས་ཁུལ་ནས་བྱུང་བ་དང་མི་བཞིར་རྨས་ཕོ་ཡོད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།