ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་ལྔ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁིའི་ཞིན་ཨོ་ཅཱ་ལའོ་བོ་རུ་ཡོད་པའི་ཙུང་ཐུང་གི་བཞུགས་ཤག་ནས་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱི་ནང་དོན་རྒྱལ་སྤྱིའི་གནད་དོན་མང་བོར་འབྲེལ་ཡོད་པ་དང་། ཝུའུ་ཁི་ལན་ཤར་ལྷོའི་གནས་བབ་དང་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན་སྤེལ་རྩིས་ཡོད་པའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱས། 

ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་བོ་ལོ་ཅིན་དང་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝ་དབྱེ་ནོའུ། རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་ད་རུང་ཨུ་རུ་སིའི་རྒྱལ་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་རིམ་ད་རུང་གཏན་འཁེལ་བྱས་མེད་པ་དང་། མིག་སྔར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།