ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་པ་དང་། དོགས་ཡོད་ཉེས་ཅན་གྱི་ལུས་སྟེང་ནས་རང་བཟོས་འགད་རྫས་སྒྲིག་ཆས་རྩད་ཆོད་ཡོད་ཟེར། 

དྷི་ལེ་གསར་བའི་ཉེན་རྟོག་ཕྱོགས་ཀྱི་དམིགས་བསལ་ཚན་ཆུང་གི་འགན་ཁུར་བ་ཁུའུ་ཧྲི་ཝ་ཧཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་མི་གསུམ་གྱི་ལུས་སྟེང་ནས་རང་བཟོས་འགད་རྫས་སྒྲིག་ཆས་རྩད་ཆོད་པ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ལ་སྔོན་འགོག་བྱས་ཟེར། 

ཁོས་ད་རུང་བསྟན་དོན། མི་དེ་གསུམ་ནི་ཨ་སཱ་མུའུ་པང་གི་ལྟེ་གནས་གྲོང་ཁྱེར་ཀུའུ་ཝ་ཧཱ་ཏིས་ནས་འཛིན་བཟུང་བྱས་པ་དང་། མིག་སྔར་མི་དེ་དག་གི་ཐོབ་ཐང་ངོས་འཛིན་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།