ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ས་ཁུལ་མང་བོ་ནས་ཁྲོམ་སྐོར་འདུ་ཚོགས་བསྡུས་ཏེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་མང་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་མང་བོ་ནས་ཁྲོམ་སྐོར་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁ་སོགས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལིང་གི་ལས་དོན་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་བྱས་པ་དང་། དབྱི་ལིང་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་དྲག་ཤུགས་བྱ་འགུལ་ལ་རྒོལ་གཏམ་བཏང་། 

རྒྱལ་ས་ཏི་ཧེ་ལན་གྲོང་ཁྱེར་ལྟེ་གནས་ནས། མང་ཚོགས་མང་བོ་སྲང་ལམ་དུ་སོང་ནས་ལག་ཏུ་འཕྲེད་བྱང་བཟུང་ཞིང་ཁ་གཡང་མཐོན་པོར་བསྒྲགས་པར་མ་ཟད་འདུ་ཚོགས་སྟེང་གཏམ་བཤད་སྤེལ། ཁྲོམ་སྐོར་མཁན་གྱིས་ཨ་མེ་རི་ཁ་སོགས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལིང་གི་ལས་དོན་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་བྱས་ཏེ། སྲིད་གཞུང་གིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་གདོང་གཏོད་པར་རྒྱབ་སྐྱོར་བྱས། 

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ཉི་ཤུའི་ཉིན་གཏམ་བཤད་སྤེལ་ཏེ། དབྱི་ལིང་གི་དགྲ་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་ལིང་དུ་ཟིང་འཁྲུག་སློང་རྩིས་ཡོད་ཀྱང་། འདས་པའི་ཉིན་འགའི་ནང་དབྱི་ལིང་མི་དམངས་ཀྱིས་དགྲ་ཕྱོགས་ཀྱི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།