ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་པས་རྒྱལ་སའི་མཁའ་དབྱིངས་སུ་གནམ་གྲུ་འཕུར་མི་ཆོག་པའི་མཁའ་ཁོངས་གཏན་འཁེལ་བྱས་ཡོད་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱའི་དམག་དོན་མི་སྣ་ཧཱ་ཧྥུའུ་ཐཱ་ཨར་གྱིས་མགོ་ཁྲིད་པའི་དྲག་ཆས་པས་ཚེས་ཉེར་གསུམ་ཉིན་ཁས་ལེན་བྱས་དོན། ལི་པུ་ཡཱའི་ནུབ་ཕྱོགས་ཀྱི་མཁའ་ཁོངས་སུ་གནམ་གྲུ་འཕུར་མི་ཆོག་པའི་མཁའ་ཁོངས་གཏན་འཁེལ་བྱས་ཡོད་པ་དང་། རྒྱལ་ས་ཏི་ལེ་པའོ་ལི་གནམ་གྲུ་འཕུར་མི་ཆོག་པའི་ཁྱབ་ཁོངས་སུ་འདུས་ཟེར། 

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་པ་རྒྱལ་དམངས་དམག་དཔུང་གི་མགྲིན་ཚབ་པ་མེད་སི་མཱ་ལི་ཡིས་བཤད་རྒྱུར། གནམ་གྲུ་འཕུར་མི་ཆོག་པའི་ཁྱབ་ཁོངས་དེ་དབུས་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་སུའུ་ཨར་ཐི་ནས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཙུའུ་ཝ་ལཱའི་བར་ཡིན་པ་དང་། ཏི་ལེ་པའོ་ལི་ཡང་དེའི་ཁོངས་སུ་འདུས་ཡོད་ཟེར། 

མེད་སི་མཱ་ལི་ཡིས་བཤད་རྒྱུར། ས་ཁོངས་དེ་ནི་ད་ལྟ་དམག་དོན་འགུལ་སྐྱོད་ས་ཁུལ་ཡིན་པ་དང་། གནམ་གྲུ་གང་རུང་མཁའ་ཁོངས་དེར་འཕུར་བར་གཏན་འགོག་བྱེད་བཞིན་ཡོད། ངེས་པར་དུ་འཕུར་དགོས་ན་སྔོན་ནས་རྒྱལ་དམངས་དམག་དཔུང་གི་དམག་སྤྱིའི་ཁང་བར་མཐུན་སྦྱོར་བྱ་དགོས་ཟེར། 

གནས་སྐབས་སུ་གནམ་གྲུ་འཕུར་མི་ཆོག་པའི་མངའ་ཁོངས་དེ་དུས་ནམ་ཞིག་ལ་ནུས་ལྡན་དུ་འགྱུར་སྲིད་པ་གསལ་བོར་མི་ཤེས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།