ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེའི་རྒུད་སྐྱོབ་མི་སྣས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་བེམ་པོ་ལྔ་རྙེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཉིན་དེར་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ལོག་སའི་མཚོ་ཁོངས་དང་དེའི་ཉེ་འདབས་མཚོ་འགྲམ་ནས་བེམ་པོ་ལྔ་རྙེད་ཡོད་ཟེར། 

ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་གྲུ་གཟིངས་ཤིག་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ལན་ཕའེ་ཏུའུ་སཱ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ལོག་པ་དང་། དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མི་བརྒྱ་དང་ཞེ་དགུ་བསྐྱབས། དེའི་ནང་བུད་མེད་བཅུ་གསུམ་དང་བྱིས་པ་གསུམ་འདུས། སྲོག་ཉེན་ལས་ཐར་བ་དག་གིས་བཤད་རྒྱུར། མི་ཉི་ཤུ་ཙམ་ཐེངས་འདིའི་དོན་རྐྱེན་ཁྲོད་གར་སོང་རྙེད་མེད་ཟེར། 

དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། རྒུད་སྐྱོབ་མི་སྣས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ལོག་སའི་མཚོ་ཁོངས་ནས་བེམ་པོ་གསུམ་རྙེད་པ་དང་། ཉེ་འདབས་ཀྱི་མཚོ་ཁོངས་ནས་བེམ་པོ་གཉིས་རྙེད་ཡོད། རྐྱེན་ལམ་དུ་ཤོར་བའི་མི་དེ་ལྔ་བོ་བུད་མེད་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་སྔར་བཞིན་རྒུད་སྐྱོབ་བྱེད་བཞིན་ཡོད་ཀྱང་། མཚོ་ཁོངས་ཀྱི་ནམ་ཟླ་མི་བཟང་བ་དང་། མཚོ་རླབས་ཀྱི་མཐོ་ཚད་རྨིད་གཉིས་ཙམ་ལ་བསླེབ་ཡོད་པས། རྒུད་སྐྱོབ་བྱ་བར་དཀའ་ཁག་ཧ་ཅང་ཆེ་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།