ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཨོ་ལོན་པའོ་ཀྲིག་ནས་ཚེས་ཉེར་བཞིའི་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཨོ་ལོན་པའོ་ཀྲིག་གི་གཞུང་ལམ་ཞིག་ལས་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ། བྱིས་པ་གཅིག་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར། གཞན་ཡང་མི་གསུམ་སྨན་ཁང་དུ་བསྐྱལ་རྗེས་དེའི་ནང་མི་གཅིག་ལ་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། 

རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེས་ཁ་གཏད་ཀྱི་ལམ་དུ་ཡོང་ནས་དངོས་སྐྱེལ་རླངས་འཁོར་དང་ཐོ་བརྒྱབ་པ་རེད། 

ཨོ་ལོན་པའོ་ཀྲིག་གི་ཞིབ་དཔྱོད་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་འགྲིམ་འགྲུལ་དོན་རྐྱེན་དེར་གྱོད་དོན་བཙུགས་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།