ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམིགས་བསལ་ལས་རེས་ཅུའུ་ཡིས་ཁྲིམས་འགལ་གྱིས་ཕོ་བྲང་དཀར་པོར་བགྲོད་རྩིས་བྱེད་པའི་རླངས་འཁོར་ཞིག་བཀག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམིགས་བསལ་ལས་རེས་ཅུའུ་ཡི་མི་སྣས་ཚེས་ཉེར་གཅིག་ཉིན་ཁྲིམས་འགལ་གྱིས་ཕོ་བྲང་དཀར་པོར་བགྲོད་རྩིས་བྱེད་པའི་དོགས་ཡོད་རླངས་འཁོར་ཞིག་བཀག་སྟེ་ཁ་ལོ་བ་འཛིན་བཟུང་བྱས། 

ཨ་མེ་རི་ཁའི་དམིགས་བསལ་ལས་རེས་ཅུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ། ཕོ་བྲང་དཀར་པོའི་འགྲོ་འོང་དཔང་ཡིག་ཡོད་པའི་རླངས་འཁོར་ཆུང་བ་ཞིག་ཕོ་བྲང་དཀར་པོའི་ནང་དུ་བགྲོད་རྩིས་བྱེད་སྐབས། དམིགས་བསལ་ལས་རེས་མི་སྣས་ཕོ་བྲང་དཀར་པོའི་ཕྱི་སྒོའི་ཞིབ་བཤེར་ས་ཚིགས་ནས་རླངས་འཁོར་དེ་བཀག་པ་དང་ཁ་ལོ་བ་འཛིན་བཟུང་བྱས་ཟེར། 

ཨ་མེ་རི་ཁའི་དམིགས་བསལ་ལས་རེས་ཅུའུ་ཡིས་བཤད་རྒྱུར། ཝ་ཧྲིན་ཐོན་ཉེན་རྟོག་ཕྱོགས་དང་འགད་རྫས་ཐག་གཅོད་ཚན་ཆུང་གིས་དགོས་ངེས་ཀྱི་ཐག་གཅོད་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།