ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱའི་ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སིང་ག་ལཱའི་ཙུང་ལི་ཝེ་ཁི་ལེ་མཱ་ཞིན་ཧཱའི་གཞུང་སྒྲུབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་གསལ་སྒྲོག་སྤེལ་ཏེ། ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད་ཟེར། 

ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། གཟའ་འཁོར་སྔོན་མའི་ཙུང་ཐུང་འདེམ་བསྐོ་ནི་རང་དབང་དང་དྲང་བདེན། སྒེར་ཚུགས་བཅས་ཀྱི་རྣམ་པས་སྤེལ་བ་ཡིན། ང་ཚོར་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་ཡོད་ཀྱང་། ང་ཚོས་ཙུང་ཐུང་གསར་བས་རང་ཉིད་ཀྱི་སྲིད་གཞུང་རྩ་འཛུགས་བྱེད་དུ་འཇུག་རྒྱུ་ཐག་བཅད་པ་ཡིན་ཟེར། 

སྲིད་གཞུང་གསར་འགྱུར་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་ཡིག་ཐོག་ནས་ཙུང་ཐུང་ལཱ་ཅཱ་ཕཱ་ཁི་སཱ་ལ་ལས་ཁུར་དགོངས་ཞུ་བྱེད་པའི་ཆོད་དོན་སྤྲོད་རྒྱུ་རེད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་རྗེས། ལཱ་ཅཱ་ཕཱ་ཁི་སཱ་ཡིས་གཟའ་འཁོར་འདིའི་ནང་ལྟ་སྐྱོང་སྲིད་གཞུང་རྩ་འཛུགས་བྱེད་སྲིད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།