ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བྱིས་པ་གཙོར་འཛིན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས20ཉིན་ནི་འཛམ་གླིང་བྱིས་པའི་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་བྱིས་པ་གཙོར་འཛིན་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱི་བྱིས་པའི་ཉིན་མོར་ཞུ་ཚིག་འབུལ་སྐབས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་མི་ཚང་མའི་ཆེད་དུ་རྒྱུན་མཐུད་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པའི་འདོད་བློ་བཏོན་ཡོད་པ་དང་། ང་ཚོས་བྱིས་པ་རེ་རེ་དང་ཁོ་ཚོའི་ཁེ་དབང་གི་ཆེད་དུ་ཡང་འབད་བསྐྱར་འབད་བྱེད་རྒྱུ་མ་ཟད། བྱིས་པ་གཙོར་འཛིན་རྒྱུ་ཁས་ལེན་བྱས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཧྥུའུ་ཨར་གྱིས་ཚེས་བཅུ་དགུའི་ཉིན་འཛམ་གླིང་ཡོངས་ཀྱི་བྱིས་པར་འཕྲིན་ཡིག་བསྐུར་ཏེ། བྱིས་པའི་སེམས་སྒྲར་ཉན་དགོས་པའི་ཚུལ། ཁོ་མོས་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ལག་རྡང་སྦྲེལ་ནས་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་། ཁོ་ཚོའི་ལོ་ཆུང་གི་འཚོ་བར་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་བཏང་། 

ཧྥུའུ་ཨར་གྱིས་དུས་རབས་ཉེར་གཅིག་པར་བྱིས་པའི་མདུན་དུ་ལྷགས་པའི་གནད་དོན་དང་འགྲན་རྩོད་དེ། དག་གཙང་གི་འཐུང་ཆུ་དང་དག་གཙང་གི་མཁའ་དབུགས། ནམ་ཟླའི་བདེ་འཇགས་སོགས་མཁོ་བ་དང་། བྱིས་པ་བཞིའི་ནང་གི་གཅིག་གིས་འཁྲུག་རྩོད་དང་གནོད་འཚེ་བྱུང་བའི་ས་ཁུལ་དུ་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་བཞིན་ཡོད་པ། ངེས་པར་དུ་སེམས་ཁམས་ཀྱི་བདེ་ཐང་གནད་དོན་ལ་གདོང་གཏོད་པ་སོགས་གསལ་བོར་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།