ཀྲུང་གོ་བོད་ཀྱི་དྲ་བ།

ཞིབ་འཇུག་ལྟར་ན། བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ལོ་25ཡི་རྗེས་ཀྱི་དབྱར་ཁར་ཞུ་ཚར་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8bd11b8a6ec4f6c6c56294b8e490e3f5.jpg

འཁྱགས་རོམ་མེད་པའི་བྱང་འཁྱགས་རོམ་རྒྱ་མཚོ་ནི་མིའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་མོད། འོན་ཀྱང་ཞིབ་འཇུག་འབྲས་བུ་གསར་པ་ལྟར་ན་རྣམ་པ་དེ་ལོ་25ཡི་རྗེས་སུ་དོན་དངོས་སུ་འགྱུར་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། མིའི་རིགས་ཀྱི་བྱེད་སྒོ་ལས་གནམ་གཤིས་ལ་འགྱུར་ལྡོག་བྱུང་བའི་དབང་གིས་2044ལོ་ནས་2067ལོའི་བར་གྱི་དུས་ཚོད་ག་གེ་མོ་ཞིག་ལ། ལོ་རེའི་དབྱར་ཁར་བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ཡོངས་སུ་ཞུ་ཚར་བའི་གནས་ཚུལ་ཐོན་གྱི་ཡོད།

ཨ་རིའི་ཅ་ལུ་ཧྥུ་ཉི་ཡ་སློབ་ཆེན་གྱི་ལུའོ་ཧྲན་ཅི་ཡན་ལག་སློབ་གྲྭའི་ཞིབ་འཇུག་མི་སྣས་ཉེ་ཆར་དབྱིན་ཇིའི《རང་བྱུང·གནམ་གཤིས་འགྱུར་ལྡོག》དུས་དེབ་ཐོག་གོང་གསལ་གྱི་ཞིབ་འཇུག་གྲུབ་འབྲས་ཕུད་ཡོད།

བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ལོ་རེའི་དགུན་ཁར་ཇེ་མང་དང་དབྱར་ཁར་ཇེ་ཉུང་འགྲོ་བཞིན་ཡོད། ཟླ་9བར་ཆེས་ཉུང་བ་རེད། ཞིབ་འཇུག་མི་སྣས་བྱང་འཁྲགས་རོམ་རྒྱ་མཚོའི་འཁྱགས་རོམ་སྤྱིའི་ཆ་ནས་ཇེ་ཉུང་འགྲོ་བཞིན་པ་ནི་གསར་འགྱུར་ཞིག་མ་རེད་ཅེས་བཤད། འཁོར་སྐར་གྱི་དཔྱད་འཇལ་ལྟར་ན། ཟླ་9བར་འཇལ་བའི་བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་གྱི་བོངས་ཚད་དེ་1979ལོ་ནས་བཟུང་ལོ་བཅུ་རེའི་ནང་བརྒྱ་ཆའི་13རེ་ཇེ་ཉུང་འགྲོ་བཞིན་ཡོད། འཕར་ཚད་འདི་གཞིར་བཟུང་ན། བྱང་འཁྱགས་རོམ་རྒྱ་མཚོའི་འཁྱགས་རོམ་ལོ་ཉེར་ལྔའི་རྗེས་ཀྱི་དབྱར་ཁ་ཞིག་ལ་ཡོངས་སུ་ཞུ་ཚར་བའི་གནས་ཚུལ་འབྱུང་སྲིད། འོན་ཀྱང་ཚན་རིག་པ་ཚོར་སྔོན་དཔག་གི་མཇུག་འབྲས་འདིར་ལྟ་བ་གཅིག་མཐུན་མ་རེད།

ཉེ་དུས་ཀྱི་གནས་ཚུལ་དངོས་མཚོན་དཔེ་དབྱིབས་6བཏོན་ནས་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་དང་། ཕྱོགས་བསྡུས་དབྱེ་ཞིབ་བྱས་པར་གཞིགས་ན། འཁྱགས་རོམ་རྒྱ་མཚོ་བྱང་མའི་མཚོ་དར་རྦད་དེ་ཞུ་ཚར་བའི་གནས་ཚུལ་དེ་2044ལོའི་དབྱར་ཁར་ཐོན་སྲིད་པའི་ངོས་འཛིན་བྱས་པ་རེད།

ཞིབ་འཇུག་མི་སྣས་བཤད་རྒྱུར། བྱང་འཁྱགས་རོམ་རྒྱ་མཚོའི་རྒྱ་ཁྱོན་གྱི་འགྱུར་ལྡོག་དེ་ཁོར་ཡུག་དང་། སྐྱེ་ཁམས། དཔལ་འབྱོར་སོགས་ཀྱི་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། གལ་ཏེ་སྔར་ལས་ཡང་དག་པའི་སྒོ་ནས་འབྲེལ་ཡོད་འགྱུར་ལྡོག་འབྱུང་བར་སྔོན་དཔག་བྱེད་ཐུབ་ན། མི་རྣམས་ཀྱིས་སྔ་མོ་ནས་གྲ་སྒྲིག་ལེགས་པོ་བྱེད་པར་ཕན་ཐོགས་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།