ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐུ་ཚབ་ཚོགས་པས་ནོར་ཝེར་འཚམས་འདྲི་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11ཚེས12ནས་ཚེས15ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅ་ཧའོ་ཡིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ནོར་ཝེ་རུ་འཚམས་འདྲི་གནང་ནས། ཚོང་དོན་བཟོ་ལས་ཉ་ལས་པུའི་རྒྱལ་དོན་དྲུང་ཡིག་ཨན་ཀེ་ལེ་ཝེ་ཁེ་དང་། བཟོ་པའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སི་ཐེང་སེན། འཕྲོད་བསྟེན་བློན་ཆེན་ཟུར་པ་ཧུའེ་པུའུ་ལུའོ་ཐེང་། ལུའོ་ཅ་ལན་ཅུན་གྱི་འགོ་འཛིན་སོར་ཧའེ་མུའུ་བཅས་དང་ཁག་སོ་སོར་མཇལ་འཛོམས་གནང་བ་རེད།

ཏུའུ་ཅ་ཧའོ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་དབར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་དབར་གྱི་འགྲོ་འོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ནོར་ཝེའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ནོར་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གང་ལེགས་བྱས་ཏེ། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཏང་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།