ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཡོའི་རྩིས་བཤེར་ལྟ་འདོམས་མཉམ་ལས་ལ་འཕེལ་རིམ་གལ་ཆེན་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཤས་གོང་གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཆོད་བཏོན་ཏེ། ཁྲིམས་གཏན་འཁེལ་བའི་རྩིས་བཤེར་ལྟ་འདོམས་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་གོའི་གཙོ་གཉེར་སྡེ་ཚན་གྱི་འོས་འཚམ་རང་བཞིན་ལ་ཚོད་སྐོར་བྱས་པར་གྲོས་འཆམ་བྱུང་བ་རེད། དེ་ཐོག་ནས་ཀྲུང་ཡོའི་རྩིས་བཤེར་ལྟ་འདོམས་མཉམ་ལས་དེ་གོང་གི་རྨང་གཞིའི་ཐོག་སྔར་བས་ཟབ་ཏུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད་པ་རེད།

ནོར་སྲིད་པུས་དེ་ཉིན་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་མངོན་པར། ཉིན་ཤས་གོང་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཆོད་དེ་བཏོན་པ་དང་ཟླ་11ཚེས་15ཉིན་ནས་བཟུང་གྲོས་ཆོད་དེའི་ནུས་པ་ཐོན་རྗེས་ཡོ་རབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ལྟ་འདོམས་སྒྲིག་གཞི་དང་གྲོས་མཐུན་འཇོག་པའི་ཐད་གྲོས་བསྡུར་དང་། གཉིས་ཁེ་གཉིས་ཕན་གྱི་རྩིས་བཤེར་ལྟ་འདོམས་མཉམ་ལས་བྱས་ནས་ཕྱོགས་གཉིས་པོས་རྩིས་བཤེར་ལྟ་འདོམས་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་ཆོག་གི་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།