ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལའི་གྲགས་ཅན་རྩོམ་པ་པོའི་ཀྲུང་གོ་དང་འབྲེལ་བ་ཡོད་པའི་དཔེ་དེབ་གསར་པ་ཝེ་ནེ་ཙུའེ་ལར་པར་ཕུད་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཝེ་ནེ་ཙུའེ་ལའི་གྲགས་ཅན་རྩོམ་པ་པོ་ལུའོ་ཏེ་ལི་ཀེ་སི·ཀེར་ཧྥུན་ཁྲེ་ཐའེ་དབྱིང་གིས་བརྩམས་པའི་དཔེ་དེབ་གསར་པ《དུས་རབས་ཉེར་གཅིག་པའི་ཀྲུང་གོ རྨོངས་གཉིད་ལས་སད་པའི་གྱད་མི》ཞེས་པའི་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་ཝེ་ནེ་ཙུའེ་ལའི་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་15པའི་གཙོ་མགྲོན་རྒྱལ་ཁབ་ཀྲུང་གོའི་འགྲེམས་ཁང་ནང་འཚོགས་པ་རེད།

ཀེར་ཧྥུན་ཁྲེ་ཐའེ་དབྱིང་གིས་ངོ་སྤྲོད་བྱས་དོན། རང་ཉིད་ཀྱིས་ལོ་མང་རིང་ཞིབ་འཇུག་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་བྱུང་། “ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། མི་དམངས་བཅས་ཀྱིས་ཐུན་མོང་ཐོག་དུས་མཚམས་རང་བཞིན་གྱི་དམིགས་ཚད་བཟོས་པ་དང་འབྲེལ་དུས་མཚམས་ཁག་གི་ལས་འགན་གཙོ་བོ་སྟབས་བསྟུན་ལེགས་གྲུབ་ཀྱང་བྱས་ཡོད། འཕེལ་རྒྱས་ཀྱི་ཉམས་མྱོང་འདི་ལྟ་བུ་ནི་འཛམ་གླིང་གིས་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད”ཅེས་བརྗོད།
སྐབས་འདིའི་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་ཚེས་7ཉིན་ཝེ་ནེ་ཙུའེ་ལའི་རྒྱལ་ས་ཁ་ར་ཁ་སིར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྐུ་མགྲོན་གཙོ་བའི་རྒྱལ་ཁབ་ཀྲུང་གོའི་བྱེད་སྒོའི་ཐོག“ལྟ་ཀློག་གི་ཀྲུང་གོ”བརྗོད་དོན་གཙོ་བོར་བྱས་ཏེ་ཁྱོན་འགྲེམས་དངོས་སྣ་ཚོགས་2000ལྷག་ཙམ་དང་དེབ་8000ལྷག་ཙམ་འགྲེམས་སྟོན་བྱས་པ་དང་འབྲེལ་རྩོམ་རིག་དང་། རིག་གནས། དཔེ་སྐྲུན་བཅས་ཀྱི་སྤེལ་རེས་བྱེད་སྒོ་ཡང་རབ་དང་རིམ་པ་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།