ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་རེ་སིའི་འཞི་བདེའི་གླེང་སྟེགས་སྐབས་གཉིས་པ་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་རེ་སིའི་འཞི་བདེའི་གླེང་སྟེགས་སྐབས་གཉིས་པ་ཚེས་བཅུ་གསུམ་ཉིན་ཧྥ་རན་སིའི་རྒྱལ་ས་པཱ་རེ་སི་ནས་གྲོལ། སྐབས་འདིའི་གླེང་སྟེགས་ནས་སྒོར་ཅོག་གྲོས་ཚོགས་སྤེལ་བ་ལ་བརྟེན་ནས་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་། ཕྱོགས་མང་རིང་ལུགས་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གནད་སར་བཟུང་སྟེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཡོད། 

ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་ཀྱི་ཀྲུའུ་ཞི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལཱ་མུས་ཀྱིས་བཤད་རྒྱུར། ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་ནས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གཙོ་བོར་བཟུང་ཡོད་པ་དང་། ཕྱོགས་མང་མཉམ་ལས་དང་རྒྱལ་སྤྱིའི་ཅན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དེ་ཕྱི་འབྲེལ་གྱི་སྟེགས་བུ་གསར་བ་ཞིག་ཏུ་གྱུར་ཡོད་ཟེར། 

གླེང་སྟེགས་གཙོ་སྒྲུབ་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་གླེང་སྟེགས་ལ་ཞུགས་པའི་དངོས་གཞིའི་འཐུས་ཚབ་ཚོགས་པ་བརྒྱ་དང་སོ་དྲུག་ཡོད་ཅིང་། དེའི་ནང་རྒྱལ་ཁབ་སུམ་ཅུ་ལྷག་གི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་འདུས་ཡོད། གླེང་སྟེགས་ཀྱི་གྲོས་གཞི་དེ་ཁྱབ་ཁོངས་བརྒལ་བའི་བརྗོད་སྙིང་ཆེན་པོ་དྲུག་ལ་འབྲེལ་བ་ཡོད་པ་དང་། ཕྱོགས་མང་གྲོས་མོལ་དང་འབྲེལ་བའི་གྲོས་ཚོགས་ཐེངས་བརྒྱད་ཅུ་ལྷག་སྤེལ་ཡོད་ལ། དེའི་ནང་དོན་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས། ཁོར་ཡུག ལག་རྩལ་གསར་བ་སོགས་ལ་འབྲེལ་ཡོད་པ་དང་། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་སྟོང་བདུན་ལས་བརྒལ་ཡོད་ཟེར། 

གླེང་སྟེགས་སྐབས་སུ་ད་རུང་དམངས་ཁྲོད་ལས་ཁུངས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱིས་བཏོན་པའི་གསར་གཏོད་ཐག་གཅོད་ཐབས་ཇུས་མཚམས་སྦྱོར་དང་དངོས་འབེབ་བྱེད་པ་གཙོར་བཟུང་། གཙོ་སྒྲུབ་མཁན་གྱིས་སྐབས་འདིའི་གླེང་སྟེགས་ལ་ཞུགས་པའི་ལས་གཞི་བརྒྱ་ལྷག་གི་ཁྲོད་ནས་སྦས་ཤུགས་ཆེས་ཆེར་ལྡན་པའི་ལས་གཞི་བཅུ་བདམས་ཏེ། གླེང་སྟེགས་ཀྱིས་ལོ་གཅིག་རིང་ལས་གཞི་དེ་དག་ལ་བདག་དམ་བྱེད་པའི་འགན་ཁུར་བ་དང་། ལས་གཞི་དེ་དག་ལ་རྒྱལ་སྤྱིའི་མཉམ་ལས་གྲོགས་པོ་འཚོལ་རོགས་བྱེད་པ་དང་། མ་དངུལ་བསྡུ་རོགས་བྱེད་པ། མཚན་སྙན་རྒྱས་པར་རོགས་འདེགས་བྱས་ནས། ལས་གཞི་དེ་དག་དངོས་འབེབ་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་ཇུས་གཞི་བཏོན། 

ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞེ་ཏིས་ཀྱིས་བསྟན་དོན། ད་ལོར་བདམས་པའི་ལས་གཞི་བཅུ་བོ་སློབ་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁྱབ་ཁོངས་མང་བོར་ཁེབས་ཡོད་པ་དང་། དེང་སྐབས་ཀྱི་འགྲན་རྩོད་གཙོ་བོར་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་གཏན་འབེབ་བྱེད་པར་ཕན་ཐོགས་ཡོད་ཟེར། 

ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཝ་དབྱེ་སི་ཡིས་བཤད་རྒྱུར། གླེང་སྟེགས་དེས་སྔར་ལས་ལྷག་པའི་སྒོ་ནས་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན། རྒྱུ་མཚན་ནི་འགྲན་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་དེ་རྒྱལ་ཁབ་རིམ་པ་ནས་བྱུང་བར་མ་ཟད་གཞི་རིམ་གྱི་ཟབ་ཞུགས་མཁན་ལས་ཀྱང་བྱུང་ཡོད་པས་ཡིན། ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་ཀྱིས་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་བྱེད་པའི་ལས་གཞི་དང་གྲོས་གཞིར་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་དེ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་གཞི་བཏོན་པ་ལྟར་སྤེལ་བ་ཡིན་ཞིང་། དམིགས་ཡུལ་ནི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་ཆེད་རེད། སྐབས་དང་པོའི་ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་དེ་ན་ནིང་ཟླ་བཅུ་གཅིག་པར་སྤེལ་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།