ཐུར་ཁེ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་རེ་གཉིས་བཀག་འགོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་སུ་ཞི་ལཱ་གླིང་ཕྲན་དུ་ལྐོག་འགྲོས་བྱེད་རྩིས་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་རེ་གཉིས་བཀག་འགོག་བྱས་པ་ཁྱབ་སྒྲོག་བྱས། 

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཉིས་ནང་། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མུའུ་ལཱ་དང་ཨེ་ཏིན། པཱ་ལེ་ཁི་ཨེ་ཞི་ཨར། ཆཱ་ནཱ་ཁཱ་ལའེ། དབྱེ་ཙི་མུས་ཨར་སོགས་ཞིང་ཆེན་ལྔའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་བཀག་འགོག་འགུལ་སྐྱོད་ཐེངས་བརྒྱད་སྤེལ་བ་དང་། བསྡོམས་པས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་རེ་གཉིས་འཛིན་བཟུང་བྱས། དེའི་ནང་ཨ་ཧྥུའུ་ཧན་གྱི་མི་བརྒྱ་དང་སོ་བཞི་ཡོད་པ་དང་། སི་རི་ཡཱའི་མི་གྱ་ལྔ་ཡོད། དེ་མིན་སོ་མཱ་ལི་དང་ཕཱ་ལེ་སི་ཐན་སོགས་རྒྱལ་ཁབ་ཀྱི་ཁྲིམས་འགལ་གནས་སྤོར་སྡོད་དམངས་འདུས། 

གཟའ་འཁོར་སྔོན་མར་ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཨེ་ཆིན་མཚོ་ཁོངས་ནས་ཞི་ལཱ་རུ་ལྐོག་འགྲོས་བྱེད་རྩིས་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་དོན་གསུམ་བཀག་འགོག་བྱས། དེའི་ནང་ཕཱ་ལེ་སི་ཐན་གྱི་མི་དང་ཨ་ཧྥུའུ་ཧན་གྱི་མི། སི་རི་ཡཱའི་མི། ཡེ་མིན་གྱི་མི། དབྱི་རག་གི་མི། སོ་མཱ་ལིའི་མི་སོགས་འདུས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།