ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་བ་ཡོད་པའི་འབྲེལ་གཏུག་མི་སྣ་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་བཅུ་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འབྲེལ་གཏུག་མི་སྣ་ཞིག་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་ལོ་སོ་གཅིག་ཅན་གྱི་སྐྱེས་པ་དེ་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་ཀའེ་ལེ་མེན་གྲོང་ཁྱེར་ཉེ་འདབས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། རྟོག་ཞིབ་བྱས་པ་ལྟར་ན། སྐྱེས་པ་དེར་ཐལ་སྤྱོད་བསམ་བློའི་ཤུགས་རྐྱེན་ཐེབས་ཡོད་ཅིང་། གློག་རྡུལ་འཕྲིན་གཏོང་ཡོ་བྱད་སོགས་བེད་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིར་རོགས་འདེགས་བྱས་ཏེ་འཇིགས་སྐུལ་བྱ་འགུལ་སྤེལ་བཞིན་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།