ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་ཨ་སེ་པེད་ཅང་གི་མངའ་ཁོངས་སུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་དོན་སྦྱོང་བརྡར་དེ་དུས་རིམ་གསུམ་དུ་བགོས་ཡོད་ཅིང་། དམག་དོན་སྦྱོང་བརྡར་དུ་ཞུགས་མཁན་ཨ་སེ་པེད་ཅང་གི་དམག་ཡོངས་ལ་ཁྱབ་ཡོད། དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དཔུང་སོ་སོའི་རི་ཁུལ་དང་རྙོག་འཛིང་གི་གློག་ཁབ་ལེན་ཁོར་ཡུག་ཁྲོད་དུ་མཚོན་ཆ་གསར་བ་དང་སྒྲིག་ཆས་གསར་བ་བེད་སྤྱོད་བྱེད་པའི་ནུས་པར་ཞིབ་བཤེར་བྱེད་པ་དང་། སྐམ་དམག་དང་མཁའ་དམག མཚོ་དམག མེ་ཤུགས་འཕུར་མདའ་དང་འཕུར་མདའི་དམག་དཔུང་། དེ་མིན་དམིགས་བསལ་དམག་དཔུང་བཅས་ཀྱིས་ལད་བཟོའི་དགྲ་བོ་དང་འཐབ་འཁྲུག་བྱེད་སྐབས་ཀྱི་རོགས་འདེགས་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལས་གཙོ་བོ་བཀོད་འདོམ་པུའུ་དང་དམག་དཔུང་བར་འོད་སྐུད་སོགས་ཀྱི་ཐབས་ལ་བརྟེན་ནས་འཐབ་རའི་གནས་ཚུལ་མྱུར་མོར་བརྒྱུད་སྤྲོད་བྱེད་པའི་ནུས་པར་སྦྱོང་བརྡར་བྱེད་རྒྱུ་རེད་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་དམག་དོན་སྦྱོང་བརྡར་སྤེལ་སའི་བྱེ་བྲག་གི་ས་གནས་དང་ཡུན་ཚད་གསལ་བོར་བཤད་མེད། གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་ཁག་ཅིག་ཡིན་པའི་ཆ་ནས། ཨ་སེ་པེད་ཅང་ནུབ་ཕྱོགས་མཐའ་མཚམས་ཀྱི་ནཱ་ཞེ་ཆེ་ཝན་ས་ཁུལ་གྱི་བཅའ་སྡོད་དམག་དཔུང་དམག་གྲབས་ཀྱི་རྣམ་པར་གནས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།