ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་རི་ཡཱའི་མི་དམངས་ཏང་གིས་ལྗང་མདོག་ཏང་དང་མཉམ་དུ་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་རི་ཡཱའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་མི་དམངས་ཏང་གི་མགོ་ཁྲིད་པ་ཁུའུ་ཨར་ཚི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཏང་ཁག་དེས་ལྗང་མདོག་ཏང་དང་མཉམ་དུ་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་པ་དང་། ཨོ་སི་ཁྲུ་རི་ཡཱའི་སྲིད་གཞུང་གསར་བའི་རྩ་འཛུགས་བྱ་བ་གནད་འགག་གི་དུས་རིམ་དུ་བསླེབ་ཡོད་ཟེར། 

ཁུའུ་ཨར་ཚི་ཡིས་བཤད་རྒྱུར། གྲོས་ཁང་གསར་བར་ཚུད་པའི་སྲིད་ཏང་སོ་སོའི་བར་གྲོས་མོལ་བྱས་རྗེས། མི་དམངས་ཏང་གིས་ལྗང་མདོག་ཏང་བར་དངོས་གཞིའི་ནེ་ཀིའི་རྩ་འཛུགས་ཀྱི་གྲོས་མོལ་སྤེལ་མགོ་བརྩམས་པ་ཡིན། ཏང་ཁག་གཉིས་ཀྱིས་མྱུར་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཡང་། ཕྱོགས་གཉིས་བར་སྲིད་ཇུས་གྲོས་གཞི་གལ་ཆེན་ཐད་འགལ་བ་ཅུང་ཆེ་བས། གྲོས་མོལ་གྱི་མཇུག་འབྲས་ག་འདྲ་ཡིན་པ་སྔོན་དཔག་བྱེད་ཐབས་མེད་ཟེར། 

སྔ་ཉིན་ལྗང་མདོག་ཏང་གིས་རྒྱལ་ཡོངས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་རྗེས་ཁྱབ་སྒྲོག་བྱས་དོན། མི་དམངས་ཏང་གིས་མཉམ་འབྲེལ་སྒོས་ནེ་ཀི་རྩ་འཛུགས་བྱེད་པའི་གདན་ཞུས་དང་ལེན་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།