ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་བཟུང་དམག་བརྗེ་སྤོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ས་གནས་ཚོ་ཁག་གི་མཐུན་སྦྱོར་འོག ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་བཟུང་དམག་ཉི་ཤུ་བརྗེ་སྤོར་བྱས་ཟེར། 

ཡེ་མིན་སྲིད་གཞུང་གི་བཟུང་དམག་ལས་དོན་གྱི་འགན་ཁུར་བའི་དཔོན་པོ་ཧཱ་ཞེ་ཨར་གྱིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཅོ་ཧྥུའུ་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་མའོ་ཏོན་ས་ཁུལ་གྱི་ས་གནས་ཚོ་ཁག་གི་མཐུན་སྦྱོར་འོག ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་རང་རང་ས་ནས་བཟུང་དམག་བཅུ་རེ་ཕྱིར་བཏང་ཡོད་ཟེར། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་ཞི་བའི་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་འཇོག་པ་ད་། བཟུང་དམག་བརྗེ་སྤོར་བྱེད་པ་སོགས་གྲོས་གཞི་གལ་ཆེན་ཐད་ནས་གྲོས་མཐུན་བཀོད། བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་བཏོན་པའི་བཟུང་དམག་མིང་ཐོ་ལྟར་ན་ཁྲི་གཅིག་ལས་བརྒལ་ཡོད་ཅིང་། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པ། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་སོགས་ཕྱོགས་མང་བོའི་བཟུང་དམག་འདུས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།