ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བསྟན་དོན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་་ཚེས་བརྒྱད་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

ཁོན་ཏུའུ་ཧྲི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ལཱ་ཏིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་དམིགས་བསལ་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཆཱ་ཧཱ་ཨར་ཏཱ་ལཱ་ས་ཁུལ་གྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་ཞིག་ལ་ཕར་རྒོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་དྲག་པོ་བྱས། གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས་བདེ་འཇགས་དམག་དཔུང་གིས་བསྡོམས་པས་དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། དྲག་ཆས་ཉེས་ཅན་ལྔར་རྨས་ཕོག་ཡོད་ཟེར། 

མུའུ་ལཱ་ཏིས་ཀྱིས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་མིང་ལ་ཀྲ་ཅི་ཨར་ཞེས་སུ་འབོད་པའི་ཐཱ་ལེ་པན་གྱི་བཀོད་འདོམ་དཔོན་པོ་གཅིག་འཛིན་བཟུང་བྱས་པ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་པར་མ་ཟད། དེའི་སྔོན་བཙན་འཕྲོག་བྱས་པའི་དམག་དོན་རླངས་འཁོར་ཞིག་ཀྱང་རྙེད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།