ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ས་ཁུལ་མང་བོ་ནས་བྱ་འགུལ་སྤེལ་ཏེ་ཟླ་བཅུ་བའི་གསར་བརྗེ་བྱུང་ནས་ལོ་ངོ་བརྒྱ་དང་གཉིས་འགོར་བར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ས་ཁུལ་མང་བོ་ནས་ཚེས་བདུན་ཉིན་བྱ་འགུལ་སྤེལ་ཏེ། ཟླ་བཅུ་བའི་གསར་བརྗེ་བྱུང་ནས་ལོ་ངོ་བརྒྱ་དང་གཉིས་འགོར་བར་རྗེས་དྲན་བྱས། 

ཉིན་དེའི་ཕྱི་དྲོར་མང་ཚོགས་སྟོང་ཕྲག་མང་བོ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་དང་སུའུ་ཝེ་ཨེ་དམག་དཔོན་མནའ་འབྲེལ། ཨུ་རུ་སིའི་བུད་མེད་ལས་འགུལ་སོགས་གཡོན་ཕྱོགས་སྲིད་ཏང་དང་ཚོགས་ཁག་གིས་རྩ་འཛུགས་བྱས་པའི་ཁྲོམ་སྐོར་བྱ་འགུལ་ལ་ཞུགས། ཁྲོམ་སྐོར་རུ་དཔུང་དེ་སི་ཐི་ལཱ་སི་སྲང་ལམ་ནས་ལམ་དུ་ཆས་ནས་པིས་ཏི་ལོ་ཧྥུའུ་ཁཱ་སྲང་ལམ་བརྒྱུད་དེ་དམར་ཐང་གི་ཉེ་འདབས་ཀྱི་མཱ་ཁི་སིའི་སྐུ་འདྲའི་གམ་དུ་སོང་། ཁྲོམ་སྐོར་བྱེད་སྐབས་རླབས་ཆེ་བའི་ཟླ་བཅུ་བ་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ཡོད་པ་དང་ལག་ཏུ་དར་ཆ་བཟུང་ནས་ལེ་ཉིན་ཁྲི་ལོར་ཤོག་ཅེས་པ་སོགས་ཀྱི་ཁ་གཡང་སྒྲོག་བཞིན་ཡོད། 

ཁྲོམ་སྐོར་མཇུག་སྒྲིལ་རྗེས། མང་ཚོགས་ཀྱིས་མཱ་ཁི་སིའི་སྐུ་འདྲའི་ཉེ་འདབས་སུ་འདུ་ཚོགས་བསྡུས། ཨུ་རུ་སིའི་གུང་ཁྲན་ཏང་གི་ཀྲུའུ་ཞི་ཅིག་ཅཱ་ནོའུ་ཧྥུའུ་ཡིས་ཏང་ཡོན་གསར་བར་དཔང་ཡིག་བྱིན། 

ཉིན་དེའི་སྔ་དྲོར། མའོ་སི་ཁིའི་དམར་ཐང་དུ་དམག་གཟིགས་བྱ་འགུལ་སྤེལ། དམག་གསུམ་གསབ་སྦྲེང་རུ་ཁག་དང་དམག་དཔུང་གི་རོལ་དབྱང་རུ་ཁག དམག་དོན་སློབ་གྲྭའི་སློབ་མ། དེ་མིན་འཁྲབ་སྟོན་མཁན་དང་དང་བླངས་མཁན་བཅས་མི་བཞི་བརྒྱ་ལྷག་བྱ་འགུལ་ལ་ཞུགས་ཏེ་ཟླ་བཅུ་བའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུས།
དེ་ལས་གཞན་ཧྲིན་པིས་ཏི་པའོ་དང་། ཐའོ་མུའུ་སི་ཁི། ཞི་པའོ་ལེ་ཡཱ་གསར་བ། ཡཱ་ཁུའུ་ཚི་ཁི། ཁྲེ་ལི་ཡཱ་པེན་སི་ཁི་སོགས་གྲོང་ཁྱེར་མང་བོ་ནས། མང་ཚོགས་དག་གིས་ཁྲོམ་སྐོར་དང་འདུ་ཚོགས། འགྲེམ་སྟོན། གླུ་གར་སོགས་རྣམ་པ་མི་འདྲ་བའི་རྗེས་དྲན་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།