ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་གླེང་སྟེགས་སྐབས་བཞི་བ་པུར་ཀ་རི་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སོ་ཧྥེ་ཡཱ་རྩ་གནད་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཏུའུ་པུའུ་ལོ་ཧྥུའུ་ནེ་ཁི་རྩ་གནད་ཀྱི་འབྲེལ་ཡོད་ནང་དོན་དངོས་འབེབ་བྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་གླེང་སྟེགས་སྐབས་བཞི་བ་ཚེས་དྲུག་ཉིན་པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས་བདེ་བླག་ངང་སྤེལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དག་གི་འཕྲོད་བསྟེན་སྡེ་ཁག་ནས་ཡོང་བའི་མཐོ་རིམ་འཐུས་མི་དང་། པུར་ཀ་རི་ཡཱ་རུ་སྡོད་པའི་གཞུང་ཚབ་མི་སྣ། འཕྲོད་བསྟེན་ཆེད་ལས་ལས་ཁུངས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། ཁེ་ལས་བཅས་ཀྱི་འཐུས་མི། དེ་མིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཐོ་རིམ་འཐུས་མི་སོགས་མི་བརྒྱ་དང་སུམ་ཅུ་ལྷག་གླེང་སྟེགས་ལ་ཞུགས། 

སྐབས་འདིའི་གླེང་སྟེགས་ནི་པུར་ཀ་རི་ཡཱའི་འཕྲོད་བསྟེན་པུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། བརྗོད་སྙིང་ནི་བདེ་ཐང་མ་ལག་གི་རྒྱུན་མཐུད་འཕེལ་རྒྱས་ཞེས་པ་དེ་རེད། དེ་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་ནས་མཉམ་ལས་བྱེད་པའི་ལམ་ཚད་རྡོ་རིང་ལྟ་བུའི་བྱ་འགུལ་ཞིག་རེད། གླེང་སྟེགས་ལ་ཞུགས་པའི་འཐུས་མི་ཚོས་དམངས་ཡོངས་ཀྱི་བདེ་ཐང་མངོན་འགྱུར་བྱེད་པ་དང་གཞུང་བཙུགས་སྨན་ཁང་གི་མཉམ་ལས། སྤྱི་བའི་འཕྲོད་བསྟེན་བདེ་འཇགས། འཕྲོད་བསྟེན་གསར་སྐྲུན་དང་འཕེལ་རྒྱས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱས། གླེང་སྟེགས་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་གླེང་སྟེགས་སྐབས་བཞི་བའི་སོ་ཧྥེ་ཡཱའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། གླེང་སྟེགས་སྐབས་སུ། ཀྲུང་གོའི་ཕྱོགས་ཀྱིས་པུར་ཀ་རི་ཡཱ་དང་ཧེ་ཧྲན། ཨ་ཨར་པཱ་ནེ་ཡཱ་སོགས་རྒྱལ་ཁབ་བར་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་སྣ་འགའ་བཀོད། གླེང་སྟེགས་ལས་ད་རུང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་མཉམ་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་། ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན། དེ་མིན་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་བདེ་ཐང་ཐོན་ལས་འགྲེམ་སྟོན་བཅས་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།