ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་བྱང་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་ལྔ་ཉིན་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་པ་དང་། མཐའ་མཚམས་ཀྱི་གྲོང་ཁྱེར་ཁཱ་མུས་ཧྲི་ལེ་ནས་མཱ་ལེ་ཅི་ཡེ་གྲོང་རྡལ་བར་གྱི་ས་ཁུལ་དུ་བཅའ་སྡོད་བྱས། ས་ཁུལ་དེར་སྣུམ་ཞིང་མང་བོ་ཡོད་ལ། དེའི་སྔོན་དུས་ཡུན་རིང་བོར་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་བདག་ཏུ་བཟུང་ཡོད་པ་རེད། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་ཉིན་དེར་བཅའ་སྡོད་བྱས་པའི་ས་ཁོངས་དེ་ནུབ་ཀྱི་ཁཱ་མུའ་ཧྲི་ལེ་གྲོང་ཁྱེར་ནས་མགོ་བརྩམས་ཏེ། ཤར་དུ་སྤྱི་ལེ་དྲུག་ཅུ་ཙམ་རྒྱུན་བསྲིངས་ནས་སི་རི་ཡཱ་དང་དབྱི་རག་གི་འབྲེལ་མཚམས་ས་ཁུལ་གྱི་མཱ་ལེ་ཅི་ཡེ་གྲོང་རྡལ་བར་བསླེབ་ཡོད། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་བཅའ་སྡོད་བྱེད་སའི་ས་ཁོངས་སུ་གཏན་སྲུང་བྱེད་ས་མང་བོ་བཙུགས་ཡོད་པ་རེད། 

མིང་བཤད་མི་འདོད་པའི་སི་རི་ཡཱའི་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། དེ་ནི་ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ཐོག་དང་པོར་ས་དེའི་སྣུམ་ཞིང་ཡོད་སའི་ས་ཁོངས་སུ་བཅའ་སྡོད་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།