ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་གཞོན་པས་ཨུ་རུ་སི་དང་རྒྱ་གར་གྱི་དམག་དོན་ལག་རྩལ་མཉམ་ལས་འཆར་གཞི་བདེ་བླག་ངང་སྤེལ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་གཞོན་པ་པའོ་ལི་སོ་ཧྥུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་གྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་་འཆར་གཞི་སྣ་ཚོགས་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། པའོ་ལི་སོ་ཧྥུའུ་དང་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཞིན་ཀི་གཉིས་ཀྱིས་ཚེས་དྲུག་ཉིན་མའོ་སི་ཁི་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱི་དམག་དོན་ལག་རྩལ་དང་ཚན་རྩལ། མཐོ་གསར་ཚན་རྩལ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲོས་བསྡུར་བྱས། 

པའོ་ལི་སོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་རྒྱ་གར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་རྒྱས་རྣམ་པ་བཟང་ཞིང་། ཉིས་སྟོང་བཅོ་བརྒྱད་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་ཙམ་ལ་བསླེབ་ཡོད་པ་དང་། ཉིས་སྟོང་བཅུ་བདུན་ལོ་ལས་བརྒྱ་ཆའི་བཅུ་བདུན་འཕར་སྣོན་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་འཆར་གཞི་སྣ་ཚོགས་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། དེའི་ནངS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་གི་རྩིས་སྤྲོད་བྱ་བ་འདུས། རྒྱལ་ཁབ་གཉིས་ཀྱིས་ད་རུང་ཉིས་སྟོང་སུམ་ཅུ་ལོའི་སྔོན་གྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་འཆར་གཞིར་དམིགས་ཏེ་གྲོས་མོལ་བྱས། 

ཞིན་ཀི་ཡིས་བསྟན་དོན། ཨ་མེ་རི་ཁའི་གནོན་ཤུགས་མང་བོ་ཁུར་ཡོད་ཀྱང་རྒྱ་གར་གྱིས་ཨུ་རུ་སིའི་བར་སྔར་ལས་ལྷག་པའི་སྒོ་ནས་དམག་དོན་ལག་རྩལ་མཉམ་ལས་སྤེལ་འདོད་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དོན་བཟོ་ལས་ཀྱི་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།