ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དུས་རིམ་བཞི་བའི་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་ལྔ་ཉིན་གཏམ་བཤད་སྤེལ་ཏེ། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དུས་རིམ་བཞི་བའི་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཟེར། 

ལུའུ་ཧཱ་ནེ་ཡིས་གཏམ་བཤད་སྤེལ་སྐབས་སང་ཉིན་ནས་བཟུང་དབྱི་ལིང་གིས་ཧྥུའུ་ཨར་ཏའོ་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་རླངས་གཟུགས་ཁ་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཁོས་ད་རུང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་འབྲེལ་ཡོད་འགུལ་སྐྱོད་ཤེས་རྗེས། མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་ལ་དཔྱད་ཞིབ་བྱེད་ངེས་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་གཏམ་བཤད་སྤེལ་སྐབས་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ནང་དོན་ལག་བསྟར་བྱེད་མཚམས་བཞག་ཀྱང་། འབྲེལ་ཡོད་ཕྱོགས་ཁག་གཞན་པས་རང་རང་གི་དམ་བཅའ་ལག་བསྟར་བྱས་ཏེ་དབྱི་ལིང་གི་ཁེ་ཕན་ལ་འགན་སྲུང་བྱས་ན། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་ངེས་ཡིན་ཟེར། 

ན་ནིང་ཟླ་ལྔ་བར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། དེའི་རྗེས་སུ་ཨ་མེ་རི་ཁའི་སྲིད་གཞུང་གིས་བསྟུད་མར་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་དྲག་པོ་རབ་དང་རིམ་པ་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།