ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་དབང་ཤུགས་བགོ་བཤའི་གྲོས་མཐུན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་གསར་འགྱུར་ལས་རིགས་ཀྱིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཡེ་མིན་སྲིད་གཞུང་དང་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་དབང་ཤུགས་བགོ་བཤའི་གྲོས་མཐུན་ཞིག་བཀོད། 

སོ་ཏི་ཨ་རབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་མཐུན་སྦྱོར་འོག ཡེ་མིན་སྲིད་གཞུང་དང་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་ལེ་ཡཱ་ཏི་ནས་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ཡེ་མིན་སྲིད་གཞུང་ཉིན་བདུན་ནང་གནས་སྐབས་ཀྱི་རྒྱལ་ས་ཡཱ་ཏེན་དུ་ལོག་རྒྱུ་ཡིན་པ་དང་། ཡེ་མིན་གྱི་དམག་དོན་སྒྲིག་ལུགས་ཚང་མ་ནང་སྲིད་པུའུ་དང་རྒྱལ་སྲུང་པུའུ་ཡིས་གཅིག་གྱུར་སྒོས་དོ་དམ་བྱེད་རྒྱུ་ཡིན་ལ། ཡེ་མིན་གྱིས་ཕན་ནུས་མཐོ་བའི་སྲིད་གཞུང་ཞིག་རྩ་འཛུགས་བྱས་ཏེ། མི་སྣ་དག་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་ཞིང་ཆེན་དུ་ཆ་སྙོམས་ཀྱིས་བགོ་རྒྱུ་རེད། 

སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས། ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་པེ་ཏིས་སོགས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ལེ་ཡཱ་ཏིའི་གྲོས་མཐུན་ནི་ཆབ་སྲིད་ཇུས་གཞི་ལས་ཡེ་མིན་གྱི་འཐབ་འཁྲུག་མཇུག་སྒྲིལ་བའི་ཕྱོགས་སུ་བསྐྱོད་པའི་གོམ་པ་དང་པོ་ཡིན་པ་དང་། ཡེ་མིན་གྱིས་གཏན་འཇགས་ཀྱི་དུས་སྐབས་གསར་འབྱེད་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།